Kyotön Mönlam Tsultrim was born into the Kyo (
skyod) clan at a place named Tanakyang (
rta nag yang), in U (
dbus), in 1219, the earth-rabbit year of fourteenth sexagenary cycle.
He studied the complete Kadam traditions under the guidance of the sixth abbot, Sanggye Gompa Sengge Kyab (sangs rgyas sgom pa seng ge skyabs, 1179-1250) and the seventh abbot of Nartang Monastery (snar thang dgon), Chim Namkha Drak (mchims nam mkha’ grags, 1210-1285).
... read more at

སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ནི་རབ་བྱུང་བཅུ་བཞི་པའི་ས་མོ་ཡོས་བུའི་ལོའམ། སྤྱི་ལོ་ ༡༢༡༩ ལོར། བོད་དབུས་ཀྱི་ས་ཆ་གཡས་རུ་སྟ་ནག་གི་ཁྲོད་ཡང་ཡུལ་བོན་གྲོང་ཞེས་པར་སྐྱོའི་གདུང་རྒྱུད་དུ་འཁྲུངས། སྣར་ཐང་དགོན་པའི་མཁན་རབས་དྲུག་པ་སངས་རྒྱས་སྒོམ་པ་སེང་གེ་སྐྱབས་(༡༡༧༩-༡༢༥༠) དང་། བདུན་པ་མཆིམས་ནམ་མཁའ་གྲགས་(༡༢༡༠-༡༢༨༥) སོགས་བསྟེན་ནས་ཇོ་བོ་བཀའ་གདམས་པའི་ཆོས་སྐོར་ཡོངས་སུ་རྫོགས་པ་གསན་པས་སྣར་ཐང་གི་མཁན་རབས་བརྒྱད་པར་གྱུར། ཕྱག་རྡོར་དང་འཇམ་དབྱངས་སྤྱན་རས་གཟིགས་རྣམས་ཀྱི་རྣམ་སྤྲུལ་ཡིན་པ་དང་། ཁྱད་པར་དུ་ཕྱག་རྡོར་འབྱུང་འདུལ་གྱི་བསྙེན་སྒྲུབ་ལ་ཐུགས་དམ་མཛད་པས་ས་བདག་གི་གདོན་སོགས་རིམས་ནད་གསོ་བར་ནུས་པ་ཆེ་བར་གྲགས། ཤེར་ཕྱིན་གྱི་འགྲེལ་པ་བརྩམས་པར་གྲགས་ཀྱང་དེང་དུས་མཇལ་རྒྱུ་མེད། བཅོམ་ལྡན་རིག་པའི་རལ་གྲི་ (༡༢༢༧-༡༣༠༥) དང་། སྣར་ཐང་གི་མཁན་རབས་བཅུ་པ་གྲགས་པ་བསོད་ནམས་(༡༢༥༣-༡༣༡༦) སོགས་ཀྱི་བླ་མར་གྱུར། དགུང་ལོ་ ༨༡ པའམ་སྤྱི་ལོ་ ༡༢༩༩ ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།།